MENU

Fun & Interesting

མདོ་སྔགས་གཉིས་ཀྱི་རྩོད་རྒྱུགས་འབུལ་བཞིན་པའི་བརྙན་ཐུང་།

Gyuto Monastery 1,543 3 months ago
Video Not Working? Fix It Now

༄༅།།ཕྱི་ལོ་ ༢༠༢༤ ཟླ ༡༢ ཚེས ༤ ཉིན་གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་ནང་གསེས། མདོ་སྔགས་གཉིས་ཀྱི་འབྲི་རྒྱུགས་དེ་ཉིད། མཚུངས་མེད་དགེ་བསྐོས་ལགས་དབུ་བཞུགས་ཐོག འཛིན་གྲྭ་སོ་སོའི་དཔེ་ཁྲིད་རྒན་རྣམ་པ། དེ་བཞིན་ཤེས་ཡོན་འགན་འཛིན་དང་རྒྱུགས་སྤྲོད་དོ་དམ་པ་བཅས་ཀྱིས་གཟིགས་ཞིབ་འོག སྔགས་རམས་ལོ་རིམ་གཉིས་པ། རྒྱུད་ཀྱི་ཊཱི་ཀྐ། སྔགས་ས་ལམ། དབུ་མ་ལོ་རིམ་གཉིས་པ། ཕར་ཕྱིན་ལོ་རིམ་བཞི་པ།ཕར་ཕྱིན་ལོ་རིམ་གཉིས་པ།ཕར་ཕྱིན་ལོ་རིམ་དང་པོ་བཅས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ཞོགས་པ་འབྲི་རྒྱུགས་དང་། ཉིན་རྒྱབ་དང་དགོང་དྲོ་གཉིས། སྔགས་རམས་ལོ་རིམ་གཉིས་པ། སྔགས་རམས་ལོ་རིམ་དང་པོ།རྒྱུད་ཀྱི་ཊཱི་ཀྐ། སྔགས་ས་ལམ་བཅས་ཀྱི་རྩོད་རྒྱུགས་འབུལ་བཞིན་པའི་བརྙན་པར་ཁག་ཅིག་གཟིགས་འབུལ་ཞུས་ཡོད།

Comment