MENU

Fun & Interesting

༄༅།།མདོ་སྔགས་རིག་གནས་དང་བཅས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་སྙན་སྒྲོན་བརྙན་ཐུང་།

Gyuto Monastery 1,060 lượt xem 5 days ago
Video Not Working? Fix It Now

༄༅།། ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༨ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ར་ཆེ་གཉིས་པའི་གཙུག་ལག་ཁང་དུ་མཚུངས་མེད་དགེ་བསྐོས་ལགས་དང་བྱང་འདྲེན་ཆེན་མོའི་ཤེས་ཡོངས་འགན་འཛིན་གསུམ་དབུ་བཞུགས་ཐོག་འདུས་མང་ཚོགས་ཡོངས་སུ། གྲྭ་ཚང་གི་མདོ་སྔགས་རིག་གནས་དང་བཅས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་འབྲས་གསལ་བསྒྲགས་དང་འབྲེལ་བྱ་དགའ་གསོལ་སྩལ་གྱི་མཛད་སྒོ་འཚོགས་ཤིང་། དགེ་བཤེས་སྔགས་རམས་པ་ནས་དཔེ་མཚམས་པའི་བར་གྱི་ཁྱོན་འཛིན་གྲྭ་ ༡༨ སྔོན་འགྲོ་གཉིས་དང་བཅས་པའི་མདོ་སྔགས་རིག་གནས་དང་བཅས་པའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་སྙན་སྒྲོན་དང་འབྲེལ། སྐབས་ཐོབ་གཞུང་སོ་སོའི་སློབ་ཐོན་པ་རྣམས་ལ་དེ་འབྲེལ་གྱི་ཕྱག་འཁྱེར་དང་རྒྱུགས་ཆེན་པ།ཨང་རིམ་དང་པོ་གཉིས་པ་གསུམ་ལ་བྱ་དགའ་ལེགས་སྐྱེས་གསོལ་སྩལ་གནང་།གཞན་ཡང་དགེ་བསྐོས་ལགས་དང།ཤེས་ཡོན་འགན་འཛིན་བཅས་གྲྭ་ཚང་རིན་པོ་ཆེར་ཐུགས་བཅངས་གནང་མཁན་རྒན་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་།
གཞོན་རབས་རྣམས་ཀྱིས་མིག་དཔེར་གཟིགས་ཏེ་བསླབ་པ་སློབ་གཉེར་ཐུགས་མཐུན་ཁྲིམས་གཙང་སོགས་ཤེས་ཡོན་སློབ་གཉེར་དང་འབྲེལ་བའི་བཀའ་སློབ་དང་གསུང་བཤད་ཟབ་རྒྱས་ཡིད་འཁུལ་ངེས་གནང་བ་དང་། འདིས་མཚོན་ལེགས་བྱས་ཀྱི་དགེ་རྩ་རྣམས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ། ལྷག་པར་ཁ་བ་གངས་ཅན་པའི་ཆོས་སྲིད་ལུགས་གཉིས་དང་བཅས་པའི་ཕན་བདེའི་གཞི་རྩ་ཉག་གཅིག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་མཛད་འཕྲིན་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་མཚམས་སྦྱོར་དང་བཅས་ཏེ་བསླབ་པ་མཐར་སོན་པའི་མཛད་སྒོ་ལེགས་པར་གྲུབ་པའོ།།

Comment